The ultimate objective of nation building is peace and harmony for Bhutan and her people

– His Majesty The Druk Gyalpo

Gallery

Contacts

De-suung Headquarters, Metog Lam, Thimphu

info@desuung.org.bt

332572/332573/332574
Toll free: 1411

Desuung Training

བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་དོན་ལུ་ ཁྱབ་བསྒྲགས།

བདེ་སྲུང་ཡིག་ཚང་གིས་ བདེ་སྲུང་ཤོ་ཐེངས་༥༦ པའི་ སྦྱོང་བརྡར་ལས་རིམ་གྱི་དོན་ལུ་ ཕོ་སྐྱེས་༢༥༠ དང་ ཨམ་སྲུ་༢༥༠ བརྩིས་ ཡོངས་བསྡོམས་ ༥༠༠ གདམ་འཐུ་འབད་ནིའི་དོན་ལུ་ གསལ་བསྒྲགས་འབདཝ་ཨིན།

སྦྱོང་བརྡར་འདི་ཡང་ སྤྱི་ལོ་༢༠༢༣ སྤྱི་ཟླ་༣ པའི་ ཚེས་༡ ལས་ སྤྱི་ཟླ་༦ པའི་ཚེས་༡༥ ཚུན་ གསར་སྤང་རྫོང་ཁག་ ས་གནས་དཔལ་རི་ཐང་ལུ་ འགོ་འདྲེན་འཐབ་ནི་ཨིན། ཟླ་ངོ་གསུམ་དང་ཕྱེད་ཀྱི་རིང་འབད་མིའི་ བདེ་སྲུང་སྦྱོང་བརྡར་འདི་ཡང་ སྤྱི་ལོ་༢༠༢༤ ལུ་ འགོ་འབྱེད་འབད་ནི་ཨིན་མིའི་ རྒྱལ་སྲུང་སྦྱོང་བརྡར་གྱི་ ལས་རིམ་དག་པ་ཅིག་ མོ་བཏབ་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན།

བདེ་སྲུང་སྦྱོང་བརྡར་གྱི་གནད་ཚད་ནང་ལུ་བཀོད་ཡོད་མིའི་ ལས་རིམ་ཚུ་མ་བརྩི་བར་ ཤོ་ཐེངས་༥༦ པའི་ སྦྱོང་བརྡར་པ་ཚུ་གིས་ རྒྱལ་སྲུང་གི་དོན་ལུ་ བཟོ་བཀོད་འབད་ཡོད་མིའི་ རྨང་གཞིའི་དམག་སྦྱོང་དང་། རྒྱལ་ཡོངས་ཤེས་ཡོན་དང་འཚོ་ཐབས་རིག་རྩལ་གྱི་སྦྱོང་བརྡར་ཚུ་འབད་དགོ།

ཤོ་ཐེངས་ ༥༦ པའི་ བདེ་སྲུང་སྦྱོང་བརྡར་གྱི་དོན་ལུ་ ཐོ་བཀོད་འདི་ སྤྱི་ཚེས་ ༣༡.༠༡.༢༠༢༣ ཆུ་ཚོད་ ༡༡ ལས་ འགོ་བཙུགས་ནི་ཨིན། དགོས་མཁོའི་གྱངས་ཁ་འདི་ཚངམ་ཅིག་ ཐོ་བཀོད་འབད་ནི་འདི་མཚམས་འཇོག་འབད་འོང་།

སྦྱོང་བརྡར་གྱི་དོན་ལུ་ འོག་ལུ་བཀོད་མིའི་ཁྱད་ཚད་ཚུ་ངོས་ལེན་འབད་ནི་ཨིནཿ   

  1. ཤེས་ཚདཿ དགོཔ་མེད།
  2. སྐྱེས་ལོ་ཉུང་མཐའཿསྐྱེས་ལོ་༡༨ ལས་ སྐྱེས་ལོ་ ༢༡ (སྤྱི་ལོ་༢༠༠༠ ཟླ་༡༢ པའི་ཚེས་༣༡ ལས་ སྤྱི་ལོ་༢༠༠༤ ཟླ་༡༢ པའི་ཚེས་༣༠ བར་ན་སྐྱེས་མི)
  3. ལཱ་གཡོག་གནས་སྟངསཿ ལཱ་གཡོག་མེད་མི།
  4. ནང་ལེནཿཕོ་སྐྱེས་ ༢༥༠ དང་ ཨམ་སྲུ་ ༢༥༠ བརྩིས་ཏེ་ ཡོངས་བསྡོམས་ ༥༠༠ ལེན་ནི།
  5. གསོ་བའི་བདེ་ཁམསཿ གཟུགས་དང་སེམས་གཉིས་ཆ་རའི་ བདེ་ཁམས་ཡོདཔ།

སྤྱིར་བཏང་ཁྱད་ཚད།

  • ན་གཞོན་ ལཱ་གཡོག་མེད་མི་ཚུ་གིས་ ཐོ་བཀོད་འབད་ཆོག།
  • ལཱ་གཡོག་ཡོད་མི་ཚུ་ སྦྱོང་བརྡར་གྱི་དོན་ལུ་ ལཱ་གཡོག་ལས་དགོངས་ཞུ་འབད་མ་དགོཔ་གི་དྲན་བསྐུལ་འབདཝ་ཨིན། ཐོ་བཀོད་འབད་བའི་སྐབས་དང་ སྦྱོང་བརྡར་འབད་བའི་སྐབས་ལུ་ ལཱ་གཡོག་དང་འབྲེལ་བའི་ ཉོག་བཤད་འཐོན་པ་ཅིན་ སྦྱོང་བརྡར་ནང་བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་འོང་།
  • ཐོ་བཀོད་ཀྱི་ཚེས་གྲངས་མ་རན་པའི་ཧེ་མ་ལས་ ཡོངས་འབྲེལ་ http://scs.rbp.gov.bt ཐོག་ལས་ ཉེན་སྲུང་ཉོག་མེད་ཀྱི་དོན་ལུ་ཐོ་བཀོད་འབད་དེ་ ཉེན་སྲུང་ཉོག་མེད་ལག་ཁྱེར་ ཆ་གནས་ཡོདཔ་བཟོ་དགོ།
  • ཁྱོད་ར་ ད་ལྟོ་ག་ཏེ་སྡོདཔ་ཨིན་ནའི་ཁ་བྱང་ཚུ་ ག་ཨིནམ་སྦེ་བཙུགས་དགོ། འདི་ ཁྱོད་ཀྱི་ གསོ་བའི་བདེ་ཁམས་བརྟག་དཔྱད་འབད་ནིའི་དོན་ལུ་ བརྟག་ཞིབ་འབད་སའི་ས་ཁོངས་ངོ་སྤྲོད་འབད་ནི་དང་ སྦྱོང་བརྡར་གྱི་དོན་ལུ་ གདམ་འཐུ་གྲུབ་མི་ཚུ་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ གྲ་སྒྲིག་རྐྱབ་ནིའི་དོན་ལུ་ཨིན།
  • གློག་འཕྲིན་ཁ་བྱང་དང་ འགྲུལ་འཕྲིན་ཨང་གྲངས་ཚུ་ ཁྱོད་རའི་མིང་གུ་ཐོ་བཀོད་འབད་དེ་ འོང་དགོ། གལ་སྲིད་མེད་པ་ཅིན་ ཐོ་བཀོད་ཆ་མེད་འབད་ནི་ཨིནམ་ལས་ ད་ལྟོ་ལས་རང་ཁྱོད་རའི་མིང་ཐོ་གུ་ བཟོ་དགོ།
  • ཐོ་བཀོད་འབད་མི་ཚུ་གིས་ རང་སོའི་གནས་ཚུལ་ག་ཨིནམ་སྦེ་བཙུགས་དགོ། གལ་སྲིད་གནས་ཚུལ་འཛོལ་བ་ཡང་ན་ ཕྱི་འགྱུར་སྤྲོད་པ་ཅིན་ ཁྱོད་རའི་ ཐོ་བཀོད་ཆ་མེད་འབད་འོང་།

གསོ་བའི་ཁྱད་ཚད།

  • ཐོ་བཀོད་འགྲུབ་མི་ མི་ངོ་རང་སོའི་ ཉེ་འདབས་ལུ་ གསོ་བའི་བརྟག་ཞིབ་ས་ཁོངས་ངོས་འཛིན་འབད་དེ་ཡོད་མི་ཚུ་ནང་ ང་བཅས་ཀྱི་བདེ་སྲུངཔ་ཚུ་དང་གསོ་བའི་ལས་བྱེདཔ་ཚུ་གིས་ འགོ་འདྲེན་འཐབ་ནི་ཨིན་མིའི་ གསོ་བའི་བདེ་ཁམས་བརྟག་དཔྱད་འབད་དགོ། བརྟག་ཞིབ་ཀྱི་ཚེས་གྲངས་དང་། དུས་ཚོད་ ས་ཁོངས་ཚུ་ ཁྱོད་ལུ་བརྡ་བསྐུལ་འབད་འོང་།
  • གལ་སྲིད་ གསོ་བའི་བརྟག་དཔྱད་འབད་བའི་སྐབས་ ཁྱོད་ལུ་ གསོ་བའི་བདེ་ཁམས་མེདཔ་སྦེ་ འཐོན་སོང་པ་ཅིན་ སྦྱོང་བརྡར་གྱི་དོན་ལུ་ གདམ་འཐུ་མི་འབད།

སྐྱེས་མའི་གནས་སྟངས།

  • གལ་སྲིད་ ཁྱོད་ འོག་ལུ་བཀོད་མིའི་གནས་སྟངས་གང་རུང་ནང་ཚུད་པ་ཅིན་ སྦྱོང་བརྡར་གྱི་དོན་ལུ་ཐོ་བཀོད་འབད་ནི་ལས་ འཛེམ་དགོཔ་གི་ དྲན་གསོ་འབདཝ་ཨིནཿ
  • མངལ་ལུ་ཨ་ལུ་ཆགས་ཏེ་ཡོད་མི་དང་།
  • ཨ་ལུ་ལུ་ཨོམ་བྱིན་དགོ་མི་ཨ་ལུའི་ཨའི།

ཁ་གསལ་གྱི་དོན་ལུ་ ང་བཅས་ཀྱི་ཡོངས་འབྲེལ་ཁ་བྱང་ཨང་ https://desuung.org.bt  དང་ ཡང་ཅིན་ ཡིག་ཚང་གི་དུས་ཚོད་ཁར་ བརྒྱུད་འཕྲིན་ཨང་ ༡༤༡༡ ནང་ འབྲེལ་བ་འཐབ་གནང་།